གཙོ་ངོས།>> དམངས་སྲོལ།>>དུས་ཆེན།

ཚེ་མགོན་རྒྱལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༣ཚེས་༠༩ཉིན།

༄༅།། གསུམ་བརྒྱད་བུད་མེད་དུས་ཆེན་གྱི་དར་ཚུལ།

        མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲྭ་ངོས་སུ་རྒྱལ་སྤྱིའི་བུད་མེད་དུས་ཆེན་ངོ་སྤྲོད་བྱས་ཡོད་པའི་གནས་ཚུལ་ལྟར་ན། གསུམ་བརྒྱད་བུད་མེད་དུས་ཆེན་གྱི་བྱུང་ཚུལ་ནི་དུས་རབས་ཉི་ཤུ་བའི་ལོ་འགོར་བུད་མེད་འགུལ་སྐྱོད་ཀྱི་དོན་ཆེན་རབ་དང་རིམ་པར་འབྲེལ་བ་ཡོད་ལ། དོན་རྐྱེན་དེ་དག་ནི། ཨ་མེ་རི་ཁའི་སྤྱི་ཚོགས་ཏང་གིས་སྤྱི་ལོ1909ལོའི་ཟླ2པའི་ཚེས་28ཉིན་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་གཏན་ཁེལ་བྱས་པ་རེད། སྤྱི་ལོ1910ལོར་སྐབས་གཉིས་པའི་རྒྱལ་སྤྱིའི་ཁོ་སི་ཐ་རི་ཁའི་ཚོགས་འདུའི་སྟེང་ཚེ་ཐི་ཅིན་གཙོ་ཡིན་པའི་རྒྱལ་ཁབ་བཅུ་བདུན་ནས་ཡོང་པའི་བུད་མེད་འཐུས་མི་བརྒྱ་ལྷག་གིས་འཆར་འགོད་བྱས་ཏེ་རྒྱལ་སྤྱིའི་བུད་མེད་དུས་ཆེན་གསར་འཛུགས་བྱས། འོན་ཀྱང་ཟླ་ཚེས་གཏན་ཁེལ་བྱས་མེད། སྤྱི་ལོ1911ལོའི་ཟླ3པའི་ཚེས19ཉིན། ཨོ་སི་ཁྲུ་རི་ཡ་དང་། ཏེན་མག འཇར་མན། སུའེ་སེ་ལེན་སོགས་རྒྱལ་ཁབ་ཀྱི་བུད་མེད་ས་ཡ་གཅིག་ལས་བརྒལ་བ་ལྷག་ལྷན་གཅིག་ཏུ་འཛོམས་ནས་རྒྱལ་སྤྱིའི་བུད་མེད་དུས་ཆེན་བསུས་པ་རེད། སྤྱི་ལོ1913ལོའི་ཟླ2པའི་ཆེས་མཐའ་མཇུག་གི་གཟའ་ཉི་མའི་ཉིན། ཨུ་རུ་སིས་བུད་མེད་ཀྱིས་འཛམ་གླིང་འཁྲུག་ཆེན་ཐེངས་དང་པོར་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་གྱི་བྱེད་ཐབས་བརྒྱུད་ནས་རྒྱལ་སྤྱིའི་བུད་མེད་དུས་ཆེན་བསུས་པ་རེད།
གསུམ་བརྒྱད་བུད་མེད་དུས་ཆེན་གྱི་དར་ཚུལ།
        དུས་རབས་བཅུ་དགུ་བར་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་མཁན་དག་གིས་ལས་མཚམས་བཞག་སྟེ་རྔམ་སྟོན་ཁྲོམ་སྐོར་བྱས། ཡོ་རོབ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གི་བུད་མེད་ཚོས་འཐབ་འཁྲུག་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ། འཛམ་གླིང་འཐབ་འཁྲུག་དང་པོའི་ཁྲོད་ཚེ་སྲོག་ཤོར་བའི་ཨུ་རུ་སིའི་བུད་མེད་ཉིས་བརྒྱ་ལྷག་ལ་དྲན་གསོ་ཞུ་ཆེད། སྤྱི་ལོ1917ལོའི་ཟླ3པའི་ཚེས8ཉིན་དང་ཨུ་རུ་སུའི་རྩིས་ཀྱི་ཟླ2པའི་ཚེས23ཉིན་ཨུ་རུ་སུའི་བུད་མེད་ཚོས་ལས་མཚམས་བཞག་པ་དང་། ཟླ2པའི་གསར་བརྗེ་ཡི་འགོ་བརྩམས་པ་རེད། ཉིན་བཞིའི་རྗེས་སུ། ཨུ་རུ་སུའི་གོང་མ་བཙན་གྱིས་གོ་ས་ནས་མར་འབབ་དུ་བཅུག་པ་དང་གནས་སྐབས་སྲིད་གཞུང་གིས་བུད་མེད་རྣམས་ལ་འདེམས་བསྐོའི་དབང་ཆ་གནང་བ་རེད། དུས་རབས་སྔོན་མའི་དུས་མགོར་ཡོ་རོབ་དང་གླིང་ཆེན་ཨ་མེ་རི་ཀ་ནས་བྱུང་བའི་བུད་མེད་ཁེ་དབང་སྲུང་སྐྱོབ་ཐད་ཀྱི་བྱ་འགུལ་རབ་དང་རིམ་པ་བརྒྱུད་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་བྱུང་བ་རེད། མི་རྣམས་ཀྱི་སེམས་སུ་རྒྱལ་སྤྱིའི་བུད་མེད་དུས་ཆེན་ནི་རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་ཀྱི་ཤུལ་བཞག་ཅིག་ཡིན་པར་དྲན་གྱིན་པ་དེ་འདྲ་ཞིག་མ་རེད།
        དབྱིན་ཅི་དང་ཧྥ་རན་སི་སོགས་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་དག་གི་བཟོ་ལས་རིགས་མགྱོགས་མྱུར་ངང་གོང་འཕེལ་དུ་སོང་བར་བརྟེན། བུད་མེད་འགུལ་སྐྱོད་ལ་དཔལ་འབྱོར་གྱི་ཆ་རྐྱེན་འདོན་སྤྲོད་བྱས་པ་རེད། དུས་རབས་བཅུ་དགུ་བའི་ལོ་རབས་སུམ་ཅུ་ནས་བཞི་བཅུའི་སྐབས་སུ། དབྱིན་ཅི་དང་ཧྥ་རན་སི་སོགས་རྒྱལ་ཁབ་འཕྲུལ་ཆས་རང་བཞིན་གྱི་བཟོ་ལས་གོང་འཕེལ་དུ་འགྲོ་བཞིན་པའི་དུས་རིམ་ལ་སླེབས་པ་དང་། འཕྲུལ་ཆས་གཙོ་བོ་ཡིན་པའི་བཟོ་གྲྭའི་ལམ་ལུགས་ཀྱིས་ལག་བཟོའི་ཚབ་བྱས་ཏེ། སྤྱི་ཚོགས་ཀྱི་ཐོན་སྐྱེད་འགྱུར་ལྡོག་ཆེ་ལ་མགྱོགས་མྱུར་ངང་གོང་འཕེལ་དུ་སོང་བ་རེད། འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་ལ་རྒྱལ་ཁབ་སོ་སོ་ནས་རྒྱལ་ཁ་ཆེན་པོ་ཐོབ་པ་དང་། བུད་མེད་འགུལ་སྐྱོད་ལ་ཆབ་སྲིད་ཀྱི་ཆ་རྐྱེན་འདོན་སྤྲོད་བྱས་པ་རེད། འབྱོར་ལྡན་གྲལ་རིམ་གྱི་བུད་མེད་དུས་ལྟར་རང་རྒྱལ་ཁབ་ཀྱི་འབྱོར་ལྡན་གྲལ་རིམ་གསར་བརྗེ་འགུལ་སྐྱོད་དུ་ཞུགས། བུད་མེད་འགུལ་སྐྱོད་ནི་འབྱོར་ལྡན་གྲལ་རིམ་གསར་བརྗེ་དང་མཉམ་དུ་དར་རྒྱས་སུ་སོང་བ་རེད། འབྱོར་ལྡན་གྲལ་རིམ་རིག་རྩལ་ཉམས་གསོ་འགུལ་སྐྱོད་དང་། ཆོས་ལུགས་བཅོས་བསྒྱུར་འགུལ་སྐྱོད། རྨོངས་སེལ་འགུལ་སྐྱོད་ཁྲོད་ཀྱི་རང་དབང་། འདྲ་མཉམ། གནམ་སྐོས་འགྲོ་མིའི་ཐོབ་ཐང་གི་བསམ་བློ་ཡིས་བུད་མེད་འགུལ་སྐྱོད་ལ་བསམ་བློའི་ཆ་རྐྱེན་འདོན་སྤྲོད་བྱས། དཔེར་ན་ཨ་མེ་རི་ཀའི་རང་བཙན་བསྒྲགས་གཏམ་དང་ཧྥ་རན་སིའི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་ནི་བུད་མེད་ཀྱིས་འདྲ་མཉམ་བརྩོན་ལེན་བྱེད་པའི་འཐབ་འཛིང་གི་གཞི་འཛིན་ས་གཙོ་བོར་གྱུར་ཡོད་ལ། བུད་མེད་འགུལ་སྐྱོད་ཀྱི་བསམ་བློའི་འབྱུང་ཁུངས་གཙོ་བོ་དང་གཞུང་ལུགས་ཀྱི་རྨང་གཞི་གཙོ་བོ་རེད།
        ཐོན་ལས་གསར་བརྗེ་ཡི་ཤུགས་རྐྱེན་འོག  སྔོན་ཐོན་བུད་མེད་རྣམས་ཀྱིས་དུས་རབས་བར་མའི་ཚུན་གྱི་བསམ་བློ་རྙིང་བའི་འཆང་རྒྱ་དོར་ནས་སྤྱི་ཚོགས་ལ་ཁ་ཕྱོགས་ཏེ་སྐྱེས་པ་དང་འདྲ་མཉམ་ཡིན་པའི་སྤྱི་ཚོགས་སྟེང་གོ་གནས་ཟིན་ཀྱང་སྐྱེས་པ་ཆབ་སྲིད་པ་ཚོས་སྔར་བཞིན་བུད་མེད་རྣམས་ལ་མཐོང་ཆུང་བྱས་པས་ཁོ་མོ་ཚོས་འདྲ་མཉམ་གྱི་དབང་ཆ་བརྩོན་ལེན་བྱེད་པའི་འཐབ་བརྩོད་བྱེད་མགོ་བརྩམས་པ་རེད།
        བུད་མེད་རྣམས་ཀྱིས་རང་ཉིད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱ་ཆེད་རྒྱལ་སྤྱིའི་སྟེང་བྱ་འགུལ་རབ་དང་རིམ་པ་སྤེལ་བ་བརྒྱུད། སྤྱི་ལོ1911ལོའི་ཟླ3པའི་ཚེས8ཉིན་ནི་ཐེངས་དང་པོའི་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ཡིན་པ་རེད། རང་རྒྱལ་གྱིས་སྤྱི་ལོ1922ནས་བཟུང་གསུམ་བརྒྱད་བུད་མེད་དུས་ཆེན་ལ་དྲན་གསོ་ཞུས་པ་རེད། ཀྲུང་གོའི་བུད་མེད་ཀྱིས་ཐེངས་དང་པོར་མང་ཚོགས་རང་བཞིན་གྱི་གསུམ་བརྒྱད་བུད་མེད་དུས་ཆེན་ལ་སྤྱི་ལོ1924ལོར་ཀོང་ཀྲུའུ་ནས་དྲན་གསོ་ཞུ་བའི་བྱ་འགུལ་སྤེལ་བ་རེད། སྤྱི་ལོ1949ཟླ་བཅུ་གཉིས་པའི་ནང་། ཀྲུང་དབྱང་མི་དམངས་སྲིད་གཞུང་སྲིད་དོན་སྤྱི་ཁྱབ་ཁང་གིས་ལོ་རེའི་ཟླ3པའི་ཚེས་བརྒྱད་ནི་བུད་མེད་དུས་ཆེན་ལ་གཏན་ཁེལ་བྱས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤྱི་ལོ1975ལོ་རྒྱལ་སྤྱིའི་བུད་མེད་ལོར་གཏན་ཁེལ་བྱས་ཏེ་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུས་ཡོད་པ་རེད། སྤྱིར་བཏང་གི་བུད་མེད་རྣམས་ཀྱིས་དྲང་བདེན་དང་སྤྱི་ཚོགས་ཁྲོད་ཟབ་ཞུགས་བྱེད་པའི་སྲོལ་རྒྱུན་གཏན་ཁེལ་བྱས། སྤྱི་ལོ1977གྱི་ཚོགས་ཆེན་གྱིས་གྲོས་གཞི་ཞིག་ལ་གྲོས་འཆམ་བྱུང་སྟེ་རྒྱལ་ཁབ་སོ་སོའི་རང་ཉིད་ཀྱི་ལོ་རྒྱུས་དང་མི་རིགས་ཀྱི་སྲོལ་རྒྱུན་གོམས་གཤིས་ལྟར། ལོ་གཅིག་ནང་ཉིན་ཞིག་གཏན་ཁེལ་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་བུད་མེད་ཁེ་དབང་དང་འཛམ་གླིང་ཞི་བདེ་ཉིན་མོ་སྲུང་བརྩི་བྱེད་རྒྱུར་ཐག་བཅད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་བུད་མེད་དུས་ཆེན་ནི་ཟླ3པའི་ཚེས8ཉིན་ལ་གཏན་ཁེལ་བྱས་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1