གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༣ཚེས་༡༣ཉིན།

དཀར་མཛེས་ཁུལ་གྱི་འཐུས་མིས་འདི་ལྟར་གསུངས་འདུག

        ཉེ་ཆར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཁམས་པའི་བརྙན་འཕྲིན་གྱི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་འདས་པའི་ལོ་ལྔའི་རིང་། དཀར་མཛེས་ཁུལ་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པའི་ལག་ལེན་ཁྲོད་དུ་ལས་བྱེད་པ་དང་མང་ཚོགས་ཀྱི་ཡོང་འབབ་ཆུ་ཚད་མཐོར་འདེགས་ཆེན་པོ་བྱུང་ཞིང་། འཚོ་བའི་སྤུས་ཚད་མངོན་གསལ་ཇེ་མཐོར་འགྲོ་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་ཤིང་ལེགས་པ་སོགས་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་བཞིན་ཡོད། 
        ཕྱིན་ཆད་དཀར་མཛེས་ཁུལ་གྱི་སྲིད་གཞུང་རིམ་པ་ཁག་གིས་དམིགས་ཚད་གཅིག་སྒྲུབ་པར་མངོན་གསལ་བྱུང་བ་དང་། འགག་རྩ་གཉིས་འབུར་དུ་ཐོན་པ། དོན་ཆེན་གསུམ་ཡག་པོར་འཛིན་པ། ཞན་ཆ་ཆེན་པོ་བཞིར་ཁ་གསབ་ལེགས་བཅོས་བྱེད་པ། རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་གཏོང་བ། འཐབ་ཇུས་ཆེན་པོ་དྲུག་ལག་བསྟར་བྱེད་པ་བཅས་ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་ནན་པོར་གཞིགས་ཏེ་ཁྱོན་ཡོངས་ནས་འཕར་སྣོན་བརྟན་པོ་དང་། སྒྱུར་བཅོས་སྐུལ་འདེད། གྲུབ་ཚུལ་ལེགས་སྒྲིག   དམངས་འཚོར་ཕན་འདོགས། ཉེན་ཁ་འགོག་པ། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་ཀ་ཡག་པོ་བསྒྲུབས་ནས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་འཛུགས་སྐྱོང་བྱེད་ཤུགས་མགྱོགས་སུ་གཏང་རྒྱུ་ཡིན་ཞེས་གསུངས་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1