གཙོ་ངོས།>> སློབ་གསོ།>>སློབ་གསོའི་ཉམས་མྱོང་།

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་བརྙན་འཕྲིན། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༢ཚེས་༢༧ཉིན།

༄༅།། རང་ཉིད་རྣམ་པར་རྒྱལ་བའི་ཐབས་ལམ་བཅུ།

1.ངོ་སོ་མི་བྱེད་པ།

      སྐབས་རེར་མགོ་བོ་སྒུར་ནས་འགྲོ་བ་ནི་ལམ་གསལ་པོ་མཐོང་བའི་ཆེད་དུ་ཡིན། མི་མང་པོ་ཞིག་མིག་སྔའི་ཡོད་ཚད་ལ་ཚིམས་ཤིང་། བྱ་དངོས་གསར་པ་ལ་ལག་པ་འཆང་བར་ངོ་གནོང་སྟེ། ངོ་གསོའི་ཆེད་དུ་གོ་སྐབས་མང་པོ་ཤོར་གི་ཡོད།
2.གནོན་ཤུགས་མི་སྤྲོད་པ།
      དཀའ་ལས་ཁག་མིན་ནི་སེམས་ལ་རག་ལས་པས། ཉག་ཉོག་མེད་པའི་སེམས་ཁམས་དྭངས་མོ་ཞིག་ཡོད་དགོས་པ་དང་། སེམས་ཁམས་དྭངས་པའི་ཆ་དེ་ག་ཚོད་ཆེ་ན། དེའི་ཚོད་ཀྱིས་ཉོན་མོངས ་དང་བྲལ་བའི་སྡུག་བསྔལ་གྱི་སེམས་པ་རྒྱང་རིང་དུ་བསྐྱལ་ཐུབ།
3.ཕྱིར་དྲན་མི་བྱེད་པ།
     འདས་པའི་གནས་ཚུལ་ལེགས་ཉེས་གང་བྱུང་རུང་དེའི་ནང་དུ་མི་ལྟུང་བར། ད་ལྟ་ནས་འགོ་བཙུགས་ཏེ་འབད་བརྩོན་ཆེན་པོས་རང་སེམས་རང་གཅུན་བྱེད་པ་དང་། དངོས་ཡོད་འཚོ་བར་དགའ་དགའ་སྤྲོ་སྤྲོའི་ངང་འཇུག་དགོས།
4.རང་དམས་མི་བྱེད་པ།
    མི་ཚང་མ་རླབས་ཆེན་གྱི་མི་སྣ་ཞིག་ཏུ་འགྱུར་མི་ཐུབ་རུང་། ཚང་མ་སེམས་ཤུགས་དང་ལྡན་པ་ཞིག་ཏུ་བསྒྱུར་རུང་སྟེ།  རང་དམས་ཀྱི་བསམ་བློ་བསྐྱུར་ནས། ཡིད་ཆེས་ཆེན་པོས་རང་གི་གནས་བབ་དང་བསྟུན་ཏེ། མི་གཞན་དང་འདྲ་བར་མི་ཚེ་དོན་སྙིང་ལྡན་པ་ཞིག་བསྐྱེལ་དགོས། 
5.སྒྱིད་ལུག་མི་བྱེད་པ།
       འབད་བརྩོན་བྱས་ན་མི་ཚེ་ཁ་ལོ་བསྒྱུར་ཐུབ་པས། བྱ་བ་ཆུང་ངུ་ནས་འགོ་བཙུགས་ཏེ། བློ་བརྟན་འགྱུར་མེད་ངང་ནམ་ཡང་རང་གིས་རང་ལ་སྐུལ་ལྕག་བྱས་ཏེ། བདེ་སྐྱིད་དང་། བདེ་ཐང་། བློ་དཀར་སེམས་དཀར་གྱི་མི་ཚེ་དོན་སྙིང་ལྡན་པ་ཞིག་ཏུ་བསྒྱུར་དགོས། 
6.སེམས་ཤུགས་ཉམས་མི་རུང་། 
      ཁྱེད་རང་གྲུབ་འབྲས་ལྡན་པའི་མི་ཞིག་བྱ་བསམ་ན། སོ་སོའི་འབད་བརྩོན་ལ་བརྟེན་དགོས། སྒྱིད་ལུག་གི་གཉེན་པོར་བརྩོན་འགྲུས་བསྟེན་ཚེ། ལེགས་འགྲུབ་མི་བྱུང་བའི་བྱ་བ་གཅིག་ཀྱང་མེད།
7.འཁང་ར་མི་བྱེད་པ།
      འཁང་ར་བྱེད་པ་ལས་འབད་བརྩོན་བྱས་ན་ལེགས། ཕམ་ཁ་ནི་རྒྱལ་ཁའི་རྩ་བ་ཡིན་པས། བྱ་བ་གང་ཞིག་ཡིན་རུང་འཁང་ར་མི་བྱེད་པར་སེམས་ལྷོད་ལ་ཕབ་ཏེ་དང་ལེན་བྱ་དགོས། འབད་བརྩོན་ནི་རེ་བའི་ས་བོན་ཉག་ཅིག་ཡིན་ཏེ། རྟག་ཏུ་འཚོ་བ་འདྲ་མཉམ་མི་འདུག་ཅེས་འཁང་ར་བྱ་རྒྱུ་མེད། དོན་དུ། གཞན་ལ་ཡོད་པ་དེ་ཁྱེད་ལའང་ཡོད།
8.ཐེ་ཚོམ་མི་བྱེད་པ།
       རང་ཉིད་ཀྱི་གདམས་པའི་ལམ་ཁ་དེར་རྒྱུས་ལོན་གསལ་པོ་ཞིག་ཡོད་ན། ཚམ་ཚོམ་མེད་པར་བྱ་སྤྱོད་དངོས་ལ་འཇུག་པ་ལས་ཕྱིར་བཤོལ་བྱ་རྒྱུ་མེད། ཁྱེད་རང་ལ་བསམ་བློ་ཡག་པོ་ཡོད་པ་དང་། གོ་སྐབས་བཟང་པོ་ཐོབ་དུས་ལམ་སེང་དུས་ཚོད་དམ་འཛིན་བྱེད་པ་ལས་ཐེ་ཚོམ་བྱ་རྒྱུ་མེད།
9.གུ་དོག་པོ་མི་བྱེད་པ།
       སེམས་ནམ་མཁའ་བཞིན་ཡངས་དགོས། མི་གཞན་ལ་གུ་ཡངས་བྱེད་པ་ནི་དོན་དུ་སོ་སོའི་སེམས་ཁམས་ཡངས་པའི་མངོན་ཚུལ་ཞིག་ཡིན། ཕན་ཚུན་གུ་ཡངས་ཀྱི་འཇིག་རྟེན་ནང་གཞི་ནས་ཞི་བདེའི་ཚེ་སྲོག་གི་གླུ་དབྱངས་ཐོས་ཐུབ།
10.དོགས་པ་མི་བྱེད་པ། 
      སེམས་ལ་དོགས་པ་ཡོད་ན་བྱ་བ་བསྒྲུབ་པར་དཀའ། སོ་སོའི་རྨོངས་ཚོད་ཀྱིས་མི་གཞན་ལ་དོགས་པ་བྱེད་མི་རུང་། གལ་ཏེ་དོགས་པ་བྱས་ན། ཕན་ཚུན་གྱི་བརྩེ་བར་ཤུགས་རྐྱེན་ངན་པ་ཐེབས་སྲིད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1