གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སྐད་འཕྲིན། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༢ཚེས་༢༧ཉིན།

༄༅།། སྐད་འཕྲིན་གྱི་དངུལ་སྤྲོད་ཐད་ལ་དོན་དག་བྱུང་འདུག་པས་ཚང་མས་གཟབ་རོཊ།

        ད་ཆ་སྐད་འཕྲིན་དང་དངུལ་སྤྲོད་འབོ་(宝支付)ཡིས་ཐད་གར་ཉོ་ཚོང་རྒྱག་པ་དེ་ང་ཚོ་འཚོ་བའི་ཉོ་ཚོང་ཁྲོད་འཁྱེར་བདེ་སྤྱོད་བདེ་ཞིག་ཏུ་གྱུར་ནས་རྒྱུན་འབྱམས་སུ་སོང་ནས་ཡོད།      ཡིན་ན་ཡང་ཉེ་ལམ་བསྒྲགས་པའི་གནས་ཚུལ་ཞིག་ལ། སྐད་འཕྲིན་གྱི་དངུལ་སྤྲོད་དེ་ལ་ཡང་མི་གཡོ་ཁྲམ་ཅན་འགའ་ཞིག་གིས་སྐད་འཕྲིན་ཐོག་དངུལ་སྤྲོད་མཁན་ཞིག་ལ་མགོ་སྐོར་བཏང་ནས་གྱོང་གུད་བཟོས་ཡོད་འདུག 

        ཞ་མན་གྱི་སྐུ་ཞབས་ཀྲང་གིས་དྲ་ཐོག་ནས་སྒོར༢༠༠ཅན་གྱི་ཁ་པར་མཉེན་ཆས་ཤིག་ཉོས་ནས་དེར་སྐད་འཕྲིན་ཐོག་ཐད་ཀར་ཁུག་དམར་བརྒྱུད་དངུལ་སྤྲོད་རྩིས་བྱེད་དུས།ཕ་རོལ་ཚོང་ཁང་གིས་དེ་མུར་ཁོ་ལ་ཁུག་དམར་གྱི་སྒོར་མོ་དེ་ཐད་ཀར་ཀུང་སིའི་རྩིས་ཐོ་ནང་འཇུག་མི་ཐུབ་པས་སྐུ་ཞབས་ཀྲང་ནས་གྲངས་གནས༡༨ཅན་གྱི་དངུལ་སྤྲོད་ཨང་རྟགས་བསྐུར་ནས་དངུལ་སྤྲོད་རོགས་ཞེས་ལན་བསྐུར་བྱུང་བ་ལ།སྐུ་ཞབས་ཀྲང་གིས་དེ་ཇི་བཞིན་བསྐུར་རྗེས། ལམ་སང་ཕ་རོལ་པོས་ཁོའི་དངུལ་བྱང་ལས་སྒོར༢༨༠༠འཐེན་མ་ཐག  ཚོང་ཁང་དེས་འཐེན་ནོར་ཐེབས་སོང་བས་ཁྱེད་ནས་དངུལ་སྤྲོད་ཨང་རྟགས་ཡང་བསྐྱར་ཅིག་བསྐུར་རོགས་དང་སྒོར་ལྷག་མ་ཕྱིར་སློག་ཟེར་བར་ཁོས་ཡང་བསྐྱར་དེ་བཞིན་དུ་བྱས་པ་ན།སྒོར་ལྷག་མ་དེ་ཕྱིར་སློག་རྒྱུ་ཕར་ཞོག  ཡང་བསྐྱར་སྒོར༢༧༩༠གཡོ་འཐེན་བྱས་སོང་བ་རེད།
        མགོ་སྐོར་དེ་འདྲ་ཐེབས་མཁན་སྐུ་ཞབས་ཀྲང་གཅིག་པུ་མ་ཡིན་ཏེ།  གསར་འགོད་པས་སྲང་ལམ་གྱི་ཚོང་ཁང་ཕལ་ཆེ་བར་ཆ་རྒྱུས་མེད་པའི་གྲངས་གནས་༡༨ཅན་གྱི་དངུལ་སྤྲོད་ཨང་རྟགས་སྐོར་ནས་གནས་ཚུལ་འདྲི་ཞིབ་བྱེད་ཕྱིར་ཆེད་དུ་ཚོང་ཁང་ཆུང་ཆུང་ཞིག་ཏུ་འཛུལ་ནས་ཚོད་བརྟག་དུས་རྩ་གཉིས་ཨང་བཤེར་མི་དགོས་པར་ཐད་ཀར་གྲངས་གནས༡༨གཏག་ཚེ་དངུལ་སླ་བོར་སྤྲོད་ཐུབ་ཀྱི་ཡོད་པ་རེད། 
        ལས་རིགས་ནང་ཁུལ་གྱི་མིས་བཤད་པ་ལྟར་ན།  ཚོང་ཁང་གིས་རྩ་གཉིས་ཨང་བཤེར་དང་། ཐིག་རིས་ཚབ་ཨང་བཤེར་བྱེད་དུས་དོན་དམ་གྲངས་གནས༡༨ཅན་གྱི་དངུལ་སྤྲོད་ཨང་རྟགས་དེ་མ་ལག་ནང་བཅུག་ཡོད་པས།  ད་གཟོད་ཉོ་མཁན་གྱི་དངུལ་བྱང་ལས་མ་དངུལ་འཐེན་པ་ཡིན།གྲངས་གནས༡༨པོའི་དངུལ་སྤྲོད་ཨང་རྟགས་དེ་ནི་ང་ཚོའི་ཐོབ་ཐང་ལག་འཁྱེར་ལྟ་བུ་ཡིན་པས་དེ་ནི་ཁྱེད་ཀྱིས་དངུལ་སྤྲོད་ཀྱི་ཐོབ་ཐང་ལག་འཁྱེར་ཡིན།  གལ་ཏེ་དངུལ་སྤྲོད་ཨང་རྟགས་དེ་གཡོ་ཁྲམ་ཅན་ལ་བསྟན་ན་གཡོ་འོག་མི་ཚུད་རང་ཚུད་ཡིན་ཟེར།
 དེ་བས་དངུལ་སྤྲོད་ཨང་རྟགས་ཐད་མཉམ་འཇོག་དགོས་པ་འགའ་གཤམ་གསལ།
 གཅིག  ཉོ་ཚོང་ཁྲོད་དུ་རྩ་གཉིས་ཨང་བཤེར་ཕབ་བྱེད་དུས་ཕ་རོལ་བོར་དངུལ་སྤྲོད་པ་ཤ་སྟག་ཡིན། 
 གཉིས། གང་བྱུང་དུ་དངུལ་སྤྲོད་ཨང་རྟགས་བཅད་ནས་གཞན་ལ་བསྐུར་མི་རུང་།སྤྱིར་བཏང་ཉོ་ཚོང་ཁྲོད་འདི་ལྟ་བུའི་རེ་བ་གཞི་ནས་མེད།
 གསུམ།  སྐད་འཕྲིན→སྒོར་ཁུག →གཡས་ཀྱི་ཟུར་གོང་མའི་འདེམ་ཀ་ལས་"དངུལ་སྤྲོད་དོ་དམ"ཀྱི་ཁ་ཕྱེས་ནས་ལག་བརྡའི་གསང་གྲངས་བཀོད་ན།  སྐད་འཕྲིན་ཐོག་དངུལ་སྤྲོད་དུས་ལག་བརྡའི་གསང་གྲངས་བཅུག་རྗེས་ད་གཟོད་དངུལ་སྤྲོད་ཀྱི་ཨང་རྟགས་སྟོན་ཐུབ་པས་འགན་སྲུང་གི་ཐབས་ཉག་གཅིག་ཡིན།
 གཞན་ཡང་དུས་རྒྱུན་གྱི་ལས་ཀ་དང་འཚོ་བའི་ཁྲོད་དུ།  རྒྱུས་མེད་པའི་རྩ་གཉིས་ཨང་རྟགས་མི་བཤེར་བ་དང་། རྒྱུས་མེད་ཀྱི་དྲ་གནས་ལ་གང་འདོད་ལྟར་ཁ་མི་ཕྱེས་རྒྱུ་ཧ་ཅང་གལ་ཆེ་བ་མ་ཟད།  དངུལ་སྤྲོད་ཨང་རྟགས་ཁྲོད་ཀྱི་ཐིག་རིས་ཚབ་ཨང་དང་།  རྩ་གཉིས་ཨང་རྟགས།  ཨང་ཀི་བཅོ་བརྒྱད་པོ་བཅས་དོ་ཉར་ཡག་པོ་བྱས་ན་ཆ་མེད་རྒྱུས་མེད་ཀྱི་མི་ལ་བསྟན་མི་རུང་།
  སྐད་འཕྲིན་གྱི་སྒོར་ཁུག་དོ་བདག་ཡག་པོ་བྱེད་ཐབས།
 གཅིག  ར་སྤྲོད་མང་པོ་འོས་འཚམ་རེ་ཕྱེས་དགོས།
 དུས་རྒྱུན་སྤྱོད་མཁན་གྱིས་གསང་གྲངས་འགོད་པ་དང་།རྒྱུན་མཐོང་གི་གསང་གྲངས་བདག་དོམ་བྱེད་པའི་ལས་གཞན་ལག་བརྡའི་ཤན་འབྱེད་དང་།  སྒོར་ཁུག་ལ་ཟྭ་རྒྱག་པ།  ངོ་བཤེར་བ་ལ་སོགས་པའི་བྱེད་ནུས་སྣ་མང་ཞིག་ཐོན་གྱིན་ཡོད་པས།  འོས་འཚམ་གྱིས་བདེ་འཇགས་ཀྱི་ཚོད་ལྟའི་ར་སྤྲོད་ཁ་སྣོན་རེ་བརྒྱབ་ན།ཧ་ཅང་བདེ་འཇགས་ཡིན་པ་མ་ཟད།  གསང་གྲངས་བརྗེད་སོང་བའི་ཚེ་ན་ཡང་བྱེད་ཐབས་སྣ་མང་བརྒྱུད་ནས་ཐག་གཅོད་བྱེད་ཐུབ་པ་ཡིན།
 གཉིས།  རྒྱུན་ལྡན་མིན་པའི་འཕྲིན་ཐུང་ལ་མཉམ་འཇོག་དགོས།
     རང་ཉིད་གྱིས་ཅི་ཡང་མ་བྱས་པར་གློ་བུར་དུ་ཐོ་འགོད་དང་ཐོ་འཇུག  དངུལ་སྤྲོད། གསང་གྲངས་བརྗེ་བ་ལ་སོགས་པའི་ར་སྤྲོད་ཨང་གྲངས་ཀྱི་འཕྲིན་ཐུང་འབྱོར་དུས་ལ།  ཁྱེད་ཀྱི་རྩིས་ཐོ་དེ་གཞན་གྱིས་ཁྲིམས་འགལ་ཐོ་འཇུག་བྱས་ཟིན་པའི་རྟགས་ཡིན།  གལ་ཏེ་དེ་ལྟ་བུའི་དོན་དག་བྱུང་དུས་ལམ་སང་གསང་གྲངས་བརྗེ་དགོས་པ་དང་མཉམ་དུ་དངུལ་སྤྲོད་བྱེད་ནུས་ཀྱི་སྒོ་རྒྱག་རྒྱུ་ནི་ཐབས་ཤོས་དང་པོ་ཡིན།  དཔེར་ན་དངུལ་བྱང་ལྟ་བུར་མཚོན་ན། ལམ་སང་དངུལ་ཁང་ལ་འབྲེལ་བ་བྱས་ནས་དངུལ་བྱང་གི་རྩིས་ཐོ་བསྡམས་བཅད་ཐོག་རྒྱུ་མཚན་ཅི་ཡིན་པ་གསལ་བོར་འདྲི་དགོས།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1