གཙོ་ངོས།>> ཁྲིམས་ལུགས།>>ཁྲིམས་ལུགས་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༣ཚེས་༠༦ཉིན།

༄༅།། རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ནང་དོན་ཁ་ཤས།

དང་པོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མངའ་ཁོངས་ཀྱི་གཤམ་གསལ་རིག་དངོས་ལ་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱ་རྒྱུ། 
(གཅིག)ལོ་རྒྱུས་དང་། སྒྱུ་རྩལ། ཚན་རིག་བཅས་ཀྱི་རིན་ཐང་ལྡན་པའི་གནའ་བོའི་རིག་གནས་རྗེས་ཤུལ་དང་། གནའ་བོའི་བང་སོ། གནའ་བོའི་བཟོ་སྐྲུན། བྲག་ཕུག་རི་ཁྲོད། རྡོ་བརྐོས། ལྡེབ་རིས་བཅས་དང་།
(གཉིས)གལ་ཆེའི་ལོ་རྒྱུས་དོན་ཆེན་དང་གསར་བརྗེའི་ལས་འགུལ་ལམ་མི་སྣ་གྲགས་ཅན་བཅས་དང་འབྲེལ་བ་ཡོད་པ་དང་། དྲན་གསོའི་དོན་སྙིང་དང་སློབ་གསོའི་དོན་སྙིང་གལ་ཆེན་ནམ་ཡང་ན་ལོ་རྒྱུས་ཡིག་རིགས་ཀྱི་རིན་ཐང་བཅས་ལྡན་པའི་ཉེ་རབས་དང་དེང་རབས་ཀྱི་གལ་ཆེའི་ལོ་རྒྱུས་ཀྱི་རྗེས་ཤུལ་དང་། དངོས་རྫས། ཚབ་མཚོན་རང་བཞིན་གྱི་འཛུགས་སྐྲུན།
(གསུམ)ལོ་རྒྱུས་ཐོག་དུས་རབས་ཁག་གི་རྩ་ཆེའི་སྒྱུ་རྩལ་ཐོན་རྫས་དང་། བཟོ་རྩལ་མཛེས་རིག་གི་ཐོན་རྫས།
(བཞི)ལོ་རྒྱུས་ཐོག་དུས་རབས་ཁག་ནང་གི་འགངས་ཆེའི་ཚད་ལྡན་དཔྱད་ཡིག་དང་། དེ་བཞིན་ལོ་རྒྱུས་དང་། སྒྱུ་རྩལ། ཚན་རིག་བཅས་ཀྱི་རིན་ཐང་ལྡན་པའི་བྲིས་མ་དང་དཔེ་དེབ་ཀྱི་དཔྱད་གཞིའི་རྒྱུ་ཆ་སོགས།
(ལྔ)ལོ་རྒྱུས་ཐོག་གི་དུས་རབས་ཁག་དང་མི་རིགས་ཁག་གི་སྤྱི་ཚོགས་ལམ་ལུགས་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད། སྤྱི་ཚོགས་ཀྱི་འཚོ་བ་བཅས་མངོན་ནུས་པའི་ཚབ་མཚོན་རང་བཞིན་གྱི་དངོས་རྫས། 
གཉིས་པ། རིག་དངོས་ལས་དོན་གྱི་ནང་དུ་སྲུང་སྐྱོབ་གཙོར་བཟུང་དང་། མྱུར་སྐྱོབ་ཨང་དང་པོ། བཀོལ་སྤྱོད་ལུགས་མཐུན། དོ་དམ་ཤུག་སྣོན་རྒྱག་པ་བཅས་ཀྱི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་དགོས།
         ལས་ཁུངས་དང་། རྩ་འཛུགས། མི་སྒེར་བཅས་ཚང་མར་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་བྱ་རྒྱུའི་འོས་འགན་ཡོད། རིམ་པ་ཁག་གི་མི་དམངས་སྲིད་གཞུང་གིས་རིག་དངོས་སྲུང་སྐྱོབ་ལ་མཐོང་ཆེན་དང་། ཡང་དག་པའི་སྒོ་ནས་དཔལ་འབྱོར་འཛུགས་སྐྲུན་དང་། སྤྱི་ཚོགས་འཕེལ་རྒྱས། རིག་དངོས་སྲུང་སྐྱོབ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་བྱས་ནས། རིག་དངོས་ཀྱི་བདེ་འཇགས་ལ་འགན་སྲུང་ཏན་ཏིག་ཐུབ་པ་བྱེད་དགོས། རྩ་བའི་འཛུགས་སྐྲུན་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་ཐད་ངེས་པར་དུ་རིག་དངོས་སྲུང་སྐྱོབ་ལས་དོན་གྱི་བྱེད་ཕྱོགས་སྲུང་བརྩི་ཞུས་ནས། དེ་འབྲེལ་བྱེད་སྒོ་སྤེལ་སྐབས་རིག་དངོས་ལ་སྐྱོན་ཆག་མི་ཕོག་པ་བྱེད་དགོས། སྤྱི་བདེ་ལས་ཁུངས། བཟོ་ཚོང་སྲིད་འཛིན་དོ་དམ། འགག་སྒོ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་བཀོད་བཅས་སྡེ་ཁག་དང་། འབྲེལ་ཡོད་ཀྱི་རྒྱལ་ཁབ་ལས་ཁུངས་གཞན་དག་བཅས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ནན་ཏན་ངང་རིག་དངོས་སྲུང་སྐྱོབ་ཀྱི་འགན་འཁྲི་འཁུར་བ་དང་རིག་དངོས་སྲུང་སྐྱོབ་ཀྱི་སྒྲིག་ལམ་སྲུང་དགོས། 
གསུམ་པ། རིག་དངོས་སྲུང་སྐྱོབ་སྡེ་ཚན་ཉམས་གསོ་བྱེད་པར་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་རིམ་པར་གཞིགས་ཏེ་དེ་མཚུངས་ཀྱི་རིག་དངོས་སྲིད་འཛིན་དོ་དམ་ཚན་པར་སྙན་སེང་ཆོག་མཆན་ཞུ་དགོས་ཤིང་། ཞིབ་བཤེར་གཏན་འཁེལ་བྱས་མེད་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་ནང་གི་སྤོ་སྒྱུར་བྱ་ཐབས་བྲལ་བའི་རིག་དངོས་ལ་ཉམས་གསོ་བྱ་སྐབས་ཐོ་འགོད་བྱེད་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རིག་དངོས་སྲིད་འཛིན་དོ་དམ་ཚན་པར་སྙན་སེང་ཞུས་ཏེ་ཆོག་མཆན་འཐོབ་པ་བྱེད་དགོས།རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་ཉམས་གསོ་དང་། གནས་སྤོ། བསྐྱར་བཞེངས་བཅས་ནི་རིག་དངོས་སྲུང་སྐྱོབ་ལས་གྲྭའི་བབས་ཐོབ་དཔང་ཡིག་ཡོད་པའི་ཚན་པས་སྒྲུབ་འགན་འཁུར་དགོས། སྤོ་བསྒྱུར་བྱ་མི་རུང་བའི་རིག་དངོས་ལ་ཉམས་གསོ་དང་། བདག་སྐྱོང་། གནས་སྤོ་བཅས་བྱ་སྐབས་ངེས་པར་དུ་རིག་དངོས་ཀྱི་མ་དབྱིབས་མི་འགྱུར་བའི་རྩ་དོན་སྲུང་བརྩི་ཞུ་དགོས། སྤོ་བསྒྱུར་བྱ་མི་རུང་པའི་རིག་དངོས་བེད་སྤྱོད་བྱ་སྐབས་ངེས་པར་དུ་རིག་དངོས་ཀྱི་མ་དབྱིབས་མི་འགྱུར་བའི་རྩ་དོན་སྲུང་བརྩི་ཞུས་ནས། འཛུགས་སྐྲུན་དངོས་པོ་དང་དེའི་ཞོར་གཏོགས་རིག་དངོས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་ཀྱི་འགན་འཁུར་རྒྱུ་དང་། སྤོ་བསྒྱུར་བྱ་མི་རུང་པའི་རིག་དངོས་གཏོར་སྐྱོན་དང་། བཟོ་བཅོས། སྣོན་བཟོའམ་བཤིག་གཏོར་བཅས་བྱེད་མི་རུང་། 
བཞི་པ། སྤོ་བསྒྱུར་བྱ་མི་རུང་པའི་རིག་དངོས་རང་དགར་གནས་སྤོ་བཤིག་སློག་བྱས་རིགས་སམ་ཡང་ན་སྤོ་བསྒྱུར་བྱ་མི་རུང་པའི་རིག་དངོས་ཉམས་གསོ་བྱས་ནས་རིག་དངོས་ཀྱི་མ་དབྱིབས་ལ་འགྱུར་ལྡོག་མངོན་གསལ་སོང་ཡང་ཉེས་བསགས་སུ་མ་གྲུབ་རིགས་ལ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་རིག་དངོས་གཙོ་གཉེར་སྡེ་ཁག་གིས་སྒྱུར་བཅོས་བྱེད་དུ་འཇུག་རྒྱུ། ངན་འབྲས་ཚབས་ཆེན་བཟོས་རིགས་ལ། སྒོར་ང་ཁྲི་ཡན་ནས་ལྔ་འབུམ་མན་གྱི་དངུལ་ཆད་གཅོད་རྒྱུ། གནས་ཚུལ་ཚབས་ཆེན་བཟོས་རིགས་ལ། དེ་སྔའི་ལག་ཁྱེར་སྤྲོད་མཁན་ལས་ཁུངས་ཀྱིས་བབས་ཐོབ་དཔང་ཡིག་ཕྱིར་བསྡུ་བྱ་རྒྱུ།།
 (ལྷ་མོའི་ཁྲིམས་ལུགས་བཤད་སྟེགས་ཞེས་པ་ལས་བཤུས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1