གཙོ་ངོས།>> ཁྲིམས་ལུགས།>>ཁྲིམས་ལུགས་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༣ཚེས་༠༦ཉིན།

༄༅།། ཁ་པར་སྒྲ་ཕབ་ཀྱི་དཔང་རྟགས་བསྡུ་ལེན་བྱ་སྐབས་ཡིད་གཟབ་བྱེད་དགོས་པའི་དོན་དག

1、སྒྲ་ཕབ་བྱ་ཡུལ་ནི་ངེས་པར་དུ་བུན་འགན་ཅན་ནམ་ཡང་ན་འོས་འགན་འཁུར་དགོས་པའི་ཕྱོགས་དེ་ཡིན་དགོས།
བུན་འགན་ཅན་གྱི་སྐད་ཆ་ཁོ་ན་སོ་སོ་རང་ཉིད་ལ་ཚོད་འཛིན་གྱི་ནུས་པ་ལྡན་པ་ཡིན། ཁ་པར་དེའང་ཡག་ཤོས་བྱུང་ན་སྒྲ་ཕབ་བྱ་ཡུལ་གྱིས་གློག་འཕྲིན་ནམ་སྒུར་འཕྲིན་སོགས་ཀུང་སིར་ཐོ་བཀོད་བྱས་པའི་ཨང་གྲངས་ཡིན་ལོས་དགོས།
2、ཁ་པར་སྒྲ་ཕབ་ཀྱི་ནང་དོན་དེས་ངེས་པར་དུ་བུན་དབང་བུན་འགན་གྱི་ནང་དོན་ནམ་ཡང་ན་དམངས་དོན་འགན་དབང་གི་ནང་དོན་བཅས་ཆ་ཚང་མངོན་པར་བྱ་དགོས།གལ་སྲིད་དངུལ་བུན་ཡིན་ཚེ་སྒྲ་ཕབ་ཀྱི་ནང་དུ་བུན་འགན་ཅན་གྱིས་བུན་དངུལ་གྱི་གྲངས་འབོར་དང་དེའི་ཡོང་ས་འགྲོ་ཁུངས་ཞིབ་ཅིང་ཕྲ་བ་ཤོད་འཇུག་དགོས་ལ། གྲངས་འབོར་གཅིག་གནས་སུ་ཞིབ་ཕྲ་འཐོན་ན་ལེགས་ཤོས་དང་། ཇི་ལྟར་ཞིབ་ཕྲ་འཕྱུགས་མེད་བྱུང་ན་དེ་ལྟར་བཟང་བར་འདོད།
3、ཁ་པར་སྒྲ་ཕབ་དེ་དངོས་བདེན་ཆ་ཚང་ཡིན་དགོས།
སྒྲ་ཕབ་དཔང་རྟགས་ནི་བཅད་བྲེགས་དང་། སྒྲིག་བཟོའམ་རྫུན་བཟོ་བཅས་མ་བྱས་པ་ཡིན་དགོས་ཤིང་། འགོ་འཇུག་མཐུན་པ་དང་། ནང་དོན་བཟོ་བཅོས་མ་བྱས་པ། དོན་དངོས་བདེན་པའི་རང་བཞིན་ཅན། འབྲེལ་ཆགས་པ་བཅས་ཡོད་དགོས།
4、ཁ་པར་སྒྲ་ཕབ་ཀྱི་ནང་དོན་གྱིས་ངེས་པར་དུ་སྒྲ་ཕབ་བྱ་ཡུལ་གྱི་འདོད་ཚུལ་ངོ་མ་དེ་མངོན་ཐུབ་དགོས།
དེའང་ངེས་པར་དུ་སྒྲ་ཕབ་བྱ་ཡུལ་དེར་བཙན་ཤེད་དང་འཇིགས་སྐུལ་བྱས་པའི་གནས་ཚུལ་འོག་སྒྲ་འཇུག་བྱས་པ་མ་ཡིན་པའོ། མི་ལུས་རང་དབང་ལ་ཚུལ་མིན་གྱི་ཚོད་འཛིན་བྱས་པ་དང་། བཙན་ཁྲིད་བྱས་པ། འཇིགས་སྐུལ་བྱས་པ་སོགས་ཀྱི་ལག་ཐབས་གང་རུང་ལ་བརྟེན་ནས་འཐོབ་པའི་དཔང་རྟགས་ཚང་མར་ཁྲིམས་ནུས་མེད། དེར་བརྟེན། སྒྲ་འཇུག་བྱ་སྐབས་གཏམ་སྤྱོད་ཐད་གཟབ་ནན་བྱེད་དགོས་ཤིང་། གཏམ་གླེང་གི་རྣམ་འགྱུར་དང་ཤོད་སྟངས་ཐད་ངེས་པར་དུ་ངག་འཇམ་སྨྲ་མཁས་བྱེད་དགོས།
5、ཁ་པར་སྒྲ་ཕབ་འཐོབ་ཚུལ་ཁྲིམས་མཐུན་ཡིན་དགོས།
《དམངས་དོན་གཏུག་བཤེར་དཔང་རྟགས་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གཏན་འབེབས་ཁ་ཤས》ཀྱི་ནང་དུ། མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའམ་ཡང་ན་བཅའ་ཁྲིམས་ཀྱི་བཀག་བྱའི་གཏན་འབེབས་ལས་འགལ་བའི་བྱ་ཐབས་སྤྱད་དེ་ཐོབ་པའི་དཔང་རྟགས་རྣམས་གྱོད་གཞིའི་དོན་དངོས་རིགས་འདེད་ངོས་འཛིན་བྱེད་པའི་གཞི་འཛིན་ས་བྱ་མི་རུང་ཞེས་གཏན་འབེབས་བཟོས་ཡོད།
6、ཁ་པར་སྒྲ་ཕབ་ཀྱི་གདོད་ཐོབ་ཕྱི་མོ་ཉར་ཚགས་བྱ་དགོས། སྒྲ་ཕབ་སྨྱུ་གུའམ་ཡང་ན་ལག་ཐོགས་ཁ་པར་བརྒྱུད་དེ་སྒྲ་ཕབ་བྱས་ཤིང་། དེ་ནས་གློག་ཀླད་དུ་པར་སློག་ཟིན་རྗེས། སྒྲ་ཕབ་སྨྱུ་གུའམ་ཡང་ན་ལག་ཐོགས་ཁ་པར་གྱི་ནང་དུ་ཉར་ཡོད་པའི་སྒྲ་ཕབ་རྒྱུ་ཆ་བསུབ་མི་རུང་།
7、ཁ་པར་སྒྲ་ཕབ་ཀྱིས་གཞུང་དཔང་བྱ་ནུས་པ་ཡིན།
གཞུང་དཔང་མི་སྣའི་མདུན་དུ་ཁ་པར་བསྐྱོན་ནས་སྒྲ་ཕབ་བྱས་ཚེ།གཞུང་དཔང་ལས་ཁུངས་ཀྱིས《དཔང་རྟགས་ཉར་སྲུང་གི་གཞུང་དཔང་ཡི་གེ》འདོན་སྤྲོད་བྱེད་སྲིད། 《དམངས་དོན་གཏུག་བཤེར་དཔང་རྟགས་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གཏན་འབེབས་ཁ་ཤས》ཀྱི་ནང་དུ། གཞུང་དཔང་བྱས་པའི་དཔང་རྟགས་ཀྱི་ར་སྤྲོད་ནུས་པ་དེ་སྤྱིར་བཏང་དཔང་རྟགས་ལས་བཙན་པ་ཡིན་ཞེས་གཏན་འབེབས་བཟོས་ཡོད་པ་རེད།།
 (ལྷ་མོའི་ཁྲིམས་ལུགས་བཤད་སྟེགས་ཞེས་པའི་འཕྲིན་སྟེགས་ལས་བཤུས།)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1