གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༣ཚེས་༢༦ཉིན།

༄༅།།འདུས་འདྲིལ་གཅོང་ནད་ནི་ཨེ་ཙི་ནད་ལས་ཀྱང་ཚབས་ཆེ་བར་འགྱུར་བཞིན་པ།

         འདུས་འདྲིལ་གཅོང་ནད་ནི་ཨེ་ཙི་ནད་ལས་ཚབས་ཆེ་བའི་ཤི་ཚད་མཐོ་བའི་འགོས་ནད་དུ་གྱུར་བ་དང་། ནད་པ་ས་ཡ་གཅིག་དང་བདུན་འབུམ་ཙམ་འདུས་འདྲིལ་གཅོང་ནད་ཕོག་སྟེ་ཤི་བ་རེད། 
        2018ལོའི་ཟླ་3པའི་ཚེས་24ཉིན་(གཟའ་སྤེན་པ་)ནི་འཛམ་གླིང་འདུས་འདྲིལ་གཅོང་ནད་འགོག་བཅོས་ཉིན་མོ་ཡིན། འགོས་ནད་འདི་ནི་རྒྱལ་ཁབ་ཕྱུག་པོ་ཁག་ཏུ་ཇེ་ཉུང་དུ་ཕྱིན་ཡོད་མོད། ཡིན་ནའང་དབུལ་ཕོངས་རྒྱལ་ཁབ་ཁག་ཏུ་གནས་བབ་སྔར་བཞིན་ཛ་དྲག་ཆེ། ལྷག་པར་དུ་ཉེ་བའི་ལོ་ནང་འདུས་འདྲིལ་གཅོང་ནད་ནི་ཨེ་ཙི་ནད་ལས་ཚབས་ཆེ་བའི་འཛམ་གླིང་གི་ཤི་ཚད་ཆེས་མཐོ་བའི་འགོས་ནད་དུ་གྱུར་ཡོད། བསྡོམས་རྩིས་ལྟར་ན། 2016ལོ་ནས་བཟུང་འཛམ་གླིང་ཡོངས་སུ་འདུས་འདྲིལ་གཅོང་ནད་ཀྱི་ནད་དཔེ་བྱེ་བ་ཡན་བྱུང་ཡོད་པ་དང་། དེ་ལས་ནད་པ་ས་ཡ་1དང་7འབུམ་ཙམ་ཤི་ཡོད་པ་རེད། 
 
        འདུས་འདྲིལ་གཅོང་ནད་ཕོག་སྟེ་ཤི་བའི་ནད་པ་མང་ཆེ་བ་ནི་ནད་ཕོག་རྗེས་དུས་ལྟར་སྨན་བཅོས་བྱེད་མ་ཐུབ་པའམ་སྨན་བཅོས་ཐད་དཀའ་ངལ་ཡོད་པའི་རྐྱེན་ཡིན་པ་དང་། གནས་ཚུལ་དེའི་ཐད་མཐའ་མཚམས་མེད་པའི་སྨན་པ་(MSF)སྟེ་སྲིད་གཞུང་མ་ཡིན་པའི་རྩ་འཛུགས་ཀྱི་འཐུས་ཚབ་པས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། སེམས་བདེ་ཐབས་མེད་པ་ཞིག་ནི། སྨན་སྣ་མང་པོར་སྨན་འགོག་རང་བཞིན་ལྡན་པའི་འདུས་འདྲིལ་གཅོང་ནད་ཀྱི་ནད་དཔེ་གསར་པ་ཟམ་མི་ཆད་པར་མང་དུ་འགྲོ་བཞིན་ཡོད་པ་དང་། 2016 ལོར་ནད་དཔེ་གསར་པ་5འབུམ་ཙམ་ཤེས་རྟོགས་བྱུང་ཡོད་ཅེས་བསྟན་འདུག
 
        འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2018 ལོའི་འཛམ་གླིང་གི་འདུས་འདྲིལ་གཅོང་ནད་འགོག་བཅོས་ཉིན་མོའི་བརྗོད་དོན་གཙོ་བོ་ནི་“ འགོ་ཁྲིད་ནུས་པ་འདོན་སྤེལ་དང་། འདུས་འདྲིལ་གཅོང་ནད་གཙང་འཇོམས”ཞེས་པ་ཡིན་ཞིང་། བརྗོད་བྱ་གཙོ་བོ་དེའི་འོག་2018ལོར་ཨ་རིའི་ཉིའུ་ཡོག་ཏུ་རྒྱལ་ཁབ་ཀྱི་གཙོ་བདག་ཞུགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་འདུས་འདྲིལ་གཅོང་ནད་གནད་དོན་གྱི་རིམ་པ་མཐོ་བའི་ཚོགས་འདུ་འཚོགས་རྩིས་ཡོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1