གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༤ཚེས་༡༦ཉིན།

ཞི་ཅིན་ཕིང་གིས་ཧའེ་ནན་ཞིང་ཆེན་དུ་གཟིགས་ཞིབ་གནང་བ།

        ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧའེ་ནན་དུ་གཟིགས་ཞིབ་གནང་སྐབས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། ཚུགས་གནས་དེ་བས་མཐོ་བ་དང་། མཐོང་རྒྱ་དེ་བས་ཡངས་པ། སྟོབས་ཤུགས་དེ་བས་ཆེ་བ་བཅས་ལ་བརྟེན་ཏེ་སྒྱུར་བཅོས་སྒོ་དབྱེ་དོན་གཉེར་དང་དེར་སྐུལ་འདེད་གཏོང་བ། སྣོད་བཅུད་ཁོར་ཡུག་དང་། དཔལ་འབྱོར་དམིགས་བསལ་ཁུལ། རྒྱལ་སྤྱིའི་ཡུལ་སྐོར་གླིང་ཕྲན་བཅས་ཀྱི་ལེགས་ཆ་འདོན་སྤེལ་ཡག་པོ་བཅས་བྱས་ཏེ་དངོས་འཛིན་དངོས་སྒྲུབ་ཀྱི་སྒོ་ནས་མཛེས་སྡུག་ལྡན་པའི་ཧའེ་ནན་གསར་པ་མགྱོགས་མྱུར་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།
         ཚེས་11ནས་ཚེས་13ཉིན་བར་ཞི་ཅིན་ཕིང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2018ལོའི་ལོ་ཚོགས་ཀྱི་འབྲེལ་ཡོད་བྱེད་སྒོར་ཞུགས་རྗེས་སྔ་རྗེས་སུ་ཆུང་ཧའེ་དང་། སན་ཡ། ཧའེ་ཁའུ་སོགས་སུ་ཕེབས་ནས་གྲོང་གསེབ་དང་། ཚན་ཞིབ་ཚན་པ། སྲིད་དོན་ལྟེ་གནས་བཅས་སུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད།
        ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་ནི་འབོད་ཚིག་ཙམ་མ་ཡིན་པར་བརྟག་ཞིབ་གཏིང་ཟབ་བྱས་རྗེས་ས་གནས་དེའི་དོན་དངོས་དང་ཟུང་འབྲེལ་གྱིས་ཏང་ཀྲུང་དབྱང་གི་དགོངས་དོན་དང་འཚམ་ཞིང་སྤྱོད་གོ་ཆོད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཆགས་པ་བྱེད་དགོས་པའི་ནན་བཤད་གནང་བ་དང་། ཁོང་གིས་འདི་ལོ་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཞིག་ཡིན་པས། ང་ཚོས་ཉམས་མྱོང་ཕྱོགས་སྡོམ་དང་དུས་བསྟུན་མདུན་སྐྱོད་བྱས་ཏེ་འགོ་འཛུགས་ས་གསར་པའི་ཐོག་སྒྱུར་བཅོས་སྒོ་དབྱེར་ཚད་བརྒལ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཧའེ་ནན་གྱིས་ས་བབ་ཀྱི་ལེགས་ཆ་དང་། ཐོན་ཁུངས་ཀྱི་ལེགས་ཆ། སྣོད་བཅུད་ཀྱི་ལེགས་ཆ། སྲིད་ཇུས་ཀྱི་ལེགས་ཆ་བཅས་འདོན་སྤེལ་ཡག་པོ་བྱེད་པ་དང་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་དང་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་གཏོད་ཐད་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་ཧའེ་ནན་གྱི་ལེའུ་གསར་པ་རྩོམ་དགོས་ཞེས་གསུངས་པ་རེད།།


  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1