གཙོ་ངོས།>> ཁྲིམས་ལུགས།>>གྱོད་དཔེ་འདེམས་བཀོད།

རམས་ཚེ་བྷོ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༤ཚེས་༡༦ཉིན།

༄༅།། ཁྲིམས་བཀོད་ལོ་ཚོད་ལ་མ་སླེབས་པར་གཉེན་སྒྲིག་བྱས་ན་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་ཐོབ་བམ།

གྱོད་དཔེ།

    ཀླུ་མོ་མཚོ་ནི་ཞིང་ལས་གཉེར་བཞིན་པའི་སྐྱེས་མ་དཀྱུས་མི་ཞིག་ཡིན་ལ། ཉིས་སྟོང་བཞི་ལོར་ཁྱིམ་མི་རྣམས་ཀྱི་མཚམས་སྦྱོར་བརྒྱུད་དེ། ཁོ་མོ་དང་ཁྱིམ་མཚེས་ཚང་གི་བུ་དོན་གྲུབ་རྒྱལ་གཉིས་བོད་རིགས་ཀྱི་གོམས་སྲོལ་ལྟར་གཉེན་སྒྲིག་གི་ཆོ་ག་བསྒྲུབས། ཡིན་ནའང་ཁྲིམས་བཀོད་གཉེན་སྒྲིག་གི་ལོ་ཚོད་ལ་མ་སླེབས་པའི་རྐྱེན་གྱིས་གཉེན་སྒྲིག་ཡི་གེ་ལེན་མ་ཐུབ། གཉེན་སྒྲིག་བྱས་རྗེས་དོན་གྲུབ་རྒྱལ་གྱིས་དུས་རྒྱུན་དུ་རྒྱུ་རྐྱེན་ཅི་ཡང་མེད་པར་ཁོ་མོར་གཅར་རྡུང་བྱེད་པར་མ་ཟད། ཆང་འཐུང་བ་དང་ཤོ་རྒྱག་པ་སོགས་གོམས་གཤིས་ངན་པ་མང་དུ་མཆིས་པས་ཁོ་མོས་བཟོད་བསྲན་བྱེད་དཀར་བར་གྱུར། འུ་ཐག་ཐབས་ཟད་འོག་མོས་དོན་གྲུབ་རྒྱལ་ལ་བཟའ་འཐོར་བྱེད་པའི་རེ་བ་བཏོན་མོད། དོན་དེར་དོན་གྲུབ་རྒྱལ་འཐད་པ་མ་བྱུང་། ཁོ་མོས་མི་དམངས་ཁྲིམས་ཁང་ལ་བཟའ་འཐོར་རེ་བ་བཏོན་ན་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་ཐོབ་བམ།

ཁྲིམས་བཤད།
    ཁྱོད་དང་དོན་གྲུབ་རྒྱལ་གཉིས་ཀྱིས་གཉེན་སྒྲིག་ཡི་གེ་བླངས་མེད་པར་མ་ཟད་ཁྲིམས་བཀོད་གཉེན་སྒྲིག་གི་ལོ་ཚོད་ལའང་སླེབས་མེད། རང་རྒྱལ་གྱི་གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་བརྒྱད་པ་དང་དོན་ཚན་བཅུ་བའི་ནང་གི་གཏན་ཁེལ་ལྟར་ན། གཉེན་སྒྲིག་བྱེད་པར་རེ་བ་བཏོན་པའི་ཕོ་མོ་ཕྱོགས་གཉིས་ཀ་ངེས་པར་དུ་རང་ཉིད་དངོས་སུ་ཐོ་འགོད་ལས་ཁུངས་སུ་སོང་ནས། གཉེན་སྒྲིག་འགྲོ་ལུགས་བསྒྲུབས་ཏེ་གཉེན་སྒྲིག་ཡི་གེ་བླངས་པ་ན་ད་གཟོད་ཁྱོ་ཤུག་གི་འབྲེལ་བ་དངོས་སུ་ཆགས་པ་ཡིན། ཁྲིམས་བཀོད་གཉེན་སྒྲིག་གི་ལོ་ཚོད་ལ་མ་སླེབས་པའི་གཉེན་སྒྲིག་དེ་དང་ཐོག་ནས་བཟུང་ཁྲིམས་འགལ་ཡིན་ལ། ཁྱོ་ཤུག་གི་ཁེ་དབང་དང་འོས་འགན་སོགས་ཅི་ཡང་མེད། ཆེས་མཐོ་མི་དམངས་ཁྲིམས་ཁང་གི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས》སྐོར་གྱི་གནད་དོན་འགྲེལ་བཤད་ཀྱི་དོན་ཚན་གཉིས་པའི་གཏན་ཁེལ་ལྟར་ན། ཁྱོད་ཀྱིས་ས་གནས་དེའི་མི་དམངས་ཁྲིམས་ཁང་ལ་ཁྱོད་གཉིས་ཀྱི་གཉེན་སྒྲིག་དེ་ནུས་མེད་ཡིན་པ་ཁྱབ་བསྒྲགས་བྱེད་པར་རེ་འདུན་ཞུས་ཆོག

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1