གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༥ཚེས་༡༦ཉིན།

ཝུན་ཁྲོན་དུ་ས་ཡོམ་བརྒྱབ་ནས་ལོ་བཅུ་འཁོར་བའི་རྒྱལ་སྤྱིའི་བྱིས་པའི་རི་མོའི་འགྲེམས་སྟོན་ཤིས་ཉི་རུ་བྱས་པ།

 
      ཟླ་5ཚེས་11ཉིན། “འཛམ་གླིང་དེ་བས་མཛེས་སྡུག་ལྡན་པ་འགྱུར་བ་བྱེད། ཝུན་ཁྲོན་དུ་ས་ཡོམ་བརྒྱབ་ནས་ལོ་10འཁོར་བའི་རྒྱལ་སྤྱིའི་བྱིས་པའི་རི་མོའི་འགྲེམས་སྟོན”ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་ཤིས་ཉིའི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་འགོ་ཚུགས་པ་རེད། ཀྲུང་ཨོ་རྒྱལ་ཁབ་གཉིས་པོའི་རིག་གནས་དང་། སྒྱུ་རྩལ། སློབ་གསོ་སོགས་ལས་རིགས་ཀྱི་འཐུས་མི་200ཙམ་འགོ་འཛུགས་མཛད་སྒོར་ཞུགས་ཡོད་པ་རེད།
     འགྲེམས་ཞུགས་བརྩམས་ཆོས་དེ་དག་ཀྲུང་གོའི་སི་ཁྲོན་ཞིང་ཆེན་དང་། ཨོ་སི་ཁྲུ་ལི་ཡའི་ཤིས་ཉི་གྲོང་ཁྱེར་དང་མོར་པན་གྲོང་ཁྱེར་ནས་བསྡུ་རུབ་བྱས་པ་དང་། རྩོམ་པ་པོ་ནི་ལོ་6ནས་19བར་གྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་ཤ་སྟག་རེད། ད་ཐེངས་ཀྱི་རི་མོའི་འགྲེམས་སྟོན་གྱི་དམིགས་ཡུལ་ནི་རྒྱལ་སྤྱིའི་གྲོགས་པོ་དང་དེ་བཞིན་ཕྱི་རྒྱལ་དུ་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིར་ཝུན་ཁྲོན་ས་ཡོམ་གྱི་གེགས་རྗེས་བསྐྱར་སྐྲུན་གྱི་གྲུབ་འབྲས་ངོ་སྤྲོད་བྱ་རྒྱུ་དེ་རེད།
     འགྲེམས་སྟོན་ལ་ཝུན་ཁྲོན་དང་ཏུའུ་ཅང་ཡན་གྱི་ས་ཡོམ་གནོད་འཚེ་ཕོག་ཁུལ་དང་དེ་བཞིན་ལོ་བཅུའི་རྗེས་གེགས་ཁུལ་བསྐྱར་སྐྲུན་བྱས་པའི་གསར་འགྱུར་པར་རིས་ཡོད་པས་ལྟ་སྐོར་བ་རྣམས་ཀྱི་དོ་ཁུར་ཆེན་པོ་ཐོབ་ཡོད།
     འགོ་འཛུགས་མཛད་སྒོའི་ཐོག་བྱེད་སྒོ་གཉེར་མཁན་ཕྱོགས་ཡིན་པའི་ཨོ་སི་ཁྲུ་ལི་ཡ་ཁྲོན་ཡུས་ཚན་རྩལ་རིག་གནས་སྤེལ་རེས་ཨུ་ལྷན་གྱི་ཀྲུའུ་ཞི་ཙེང་དབྱིས“ད་ཐེངས་ཀྱི་རི་མོའི་འགྲེམས་སྟོན་བྱེད་དོན་ནི་ས་ཡོམ་ཁྲོད་ཚེ་སྲོག་ཤོར་བའི་འདས་པོ་རྣམས་ལ་རྗེས་དྲན་ཞུས་ནས་འཚོ་བར་བཅངས་པའི་མི་རྣམས་ཀྱི་རེ་བ་འཕེལ་བར་བྱེད་པ་དང་། འབྱུང་འགྱུར་ལ་དོན་གཉེར་དང་ཕྱོགས་རྒྱུ་དེ་ཡིན། དེ་དང་ཆབས་ཅིག་ཚང་མས་གནོད་འཚེ་བློ་ལ་བརྟན་པོར་ངེས་པ་དང་། གནོད་འཚེ་ཐོན་རྗེས་བསྐྱར་སྐྲུན་བྱེད་པའི་ཡིད་ཆེས་དང་གྲུབ་འབྲས་བློ་ལ་ངེས་རྒྱུའི་རེ་བ་ཡོད”ཅེས་བརྗོད།
     རི་མོའི་འགྲེམས་སྟོན་དེ་ཟླ་5ཚེས་24ཉིན་མཇུག་འགྲིལ་རྒྱུ་རེད། ད་དུང་བརྩམས་ཆོས་དེ་དག་ཟླ་6ཚེས་1ཉིན་ནས་བཟུང་སི་ཁྲོན་གྱི་ཁྲེང་ཏུར་འགྲེམས་སྟོན་བྱ་རྒྱུ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1