གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༦ཚེས་༠༦ཉིན།

CIGSའོད་ཤུགས་གུར་གསར་སི་ཁྲོན་བོད་རིགས་ས་ཁུལ་དུ་སྤྲད་པ།


      ཟླ་6ཚེས་2ཉིན། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་ནུས་རྒྱུ་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིའི་གནད་སྨིན་དབུལ་སྐྱོར་མཉམ་ལས་འགོ་ཚུགས་པ་དང་CIGSའོད་ཤུགས་གུར་ཞལ་འདེབས་རྒྱག་པའི་མཛད་སྒོ་ཁྲེང་ཏུར་འཚོགས་ཤིང་། འབྲོག་པ་མང་ཚོགས་ལ་ཆེད་མངགས་བཟོས་པའི་འོད་ཤུགས་གུར་150རིན་མི་དགོས་པར་སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཡི་འབྲོག་པར་སྤྲད་པ་རེད།
      བོད་རིགས་ས་ཁུལ་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་སུ་གཏོང་བ་དང་། ས་མཐོའི་འབྲོག་ཁུལ་དུ་དབྱར་དུས་ཕྱུག་འཚོ་སྐབས་གློག་མེད་པའི་གནད་དོན་ནུས་ལྡན་ངང་ཐག་གཅོད་བྱ་ཆེད། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གིས་བརྟག་ཞིབ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་འོད་ཤུགས་གུར་གསར་ཞིབ་སྤེལ་བྱས་ཏེ་འབྲོག་པའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་དང་འབྲོག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ལེགས་བཅོས་ལ་སྐུལ་འདེད་དང་། སི་ཁྲོན་བོད་རིགས་ས་ཁུལ་གྱི་གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད་བཏང་བ་རེད།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝུའེ་ཧྭ་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་གུར་ཆུང་ཆུང་གིས་བོད་རིགས་ས་ཁུལ་མང་ཚོགས་ཀྱི་འཚོ་བའི་གནད་དོན་ཆེན་པོ་ཐག་གཅོད་ཐུབ་ཡོད། ད་ཐེངས་ཀྱི་གནད་སྨིན་དབུལ་སྐྱོར་མཉམ་ལས་དང་ཞལ་འདེབས་བྱེད་སྒོ་ནི་ཀྲུང་དབྱང་གི་ཁེ་ལས་དང་ས་ཁུལ་དབུལ་པོས་ལག་གདང་སྦྲེལ་ནས་སྤེལ་བའི་ཚན་རྩལ་དབུལ་སྐྱོར་གྱི་བྱེད་ཐབས་ནུས་ལྡན་ཞིག་རེད། འོད་ཤུགས་གུར་གྱི་དབུལ་སྐྱོར་རྣམ་གྲངས་ཀྱིས་བོད་རིགས་ས་ཁུལ་གྱི་དབུལ་སྐྱོར་འགག་སྒྲོལ་བརྒྱུད་རིམ་ནང་དཔེ་མཚོན་གྱི་ནུས་པ་གལ་ཆེན་ཐོན་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1