གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༦ཚེས་༠༨ཉིན།

སི་ཁྲོན་འཛམ་ཐང་ཇོ་ནང་པའི་ཐང་གའི་སྒྱུ་རྩལ་ཁྲིད་སྦྱོང་ཁང་དུ་བསྐྱོད་པ།

      ཟླ་6ཚེས་4ཉིན། གསར་འགོད་པ་སི་ཁྲོན་རྔ་པ་ཁུལ་འཛམ་ཐང་རྫོང་དུ་བསྐྱོད་ནས་ཇོ་ནང་པའི་ཐང་གའི་སྒྱུ་རྩལ་ཁྲིད་སྦྱོང་ཁང་དུ་བཅའ་འདྲིར་བསྐྱོད་པ་ཡིན། སི་ཁྲོན་ཞིང་ཆེན་འཛམ་ཐང་རྫོང་གཙང་པ་དགོན་གྱིས་2011ལོར་ཇོ་ནང་པའི་ཐང་གའི་སྒྱུ་རྩལ་ཁྲིད་སྦྱོང་ཁང་བཙུགས་ཤིང་། ཐང་ག་བཞེངས་བཟོའི་ཆེད་ལས་བཙུགས་ནས་ཇོ་ནང་པའི་ཐང་གའི་འབྲི་ལུགས་རྒྱུན་འཛིན་བྱ་རྒྱུ་གཙོ་བོར་བྱས་ཏེ་ཕྱོགས་ཡོངས་ནས་ཐང་གའི་སྒྱུ་རྩལ་ཁྲིད་སྦྱོང་བྱས་པ་རེད། ཇོ་ནང་པའི་རིག་གནས་ནི་བོད་བརྒྱུད་ནང་རིག་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཐང་གའི་ལུགས་མང་པོའི་ཁྲོད་ནས་ཇོ་ནང་པའི་ཐང་གའི་ལུགས་ལ་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཆུ་ཚད་དང་གཏིང་ཟབ་པའི་རིག་གནས་ཀྱི་ཁྱད་ཆོས་ལྡན་པས། རྒྱལ་ཁབ་ཕྱི་ནང་གི་སྒྱུ་རྩལ་ལས་རིགས་དང་རིག་གཞུང་ལས་རིགས་ཀྱི་ངོས་འཛིན་གཅིག་མཐུན་དང་བསྔགས་བརྗོད་ཐོབ་ཡོད་པ་རེད། མིག་སྔར་བོད་ཀྱི་ས་ཕྱོགས་ཁག་ནས་ཡོང་བའི་བོད་རིགས་གཞོན་ནུས་འདིར་ཇོ་ནང་པའི་ཐང་ག་བཞེངས་བཟོའི་ལག་རྩལ་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1