གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

བདེ་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༦ཚེས་༡༡ཉིན།

སེམས་ཐག་གཙང་བཅད་ཀྱིས་དབུལ་ཐར་འགག་སྒྲོལ་ཐུབ་པར་འགན་སྲུང་བྱ་དགོས།

      སྤྱི་ཟླ6པའི་ཚེས5ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུའི་ཨུ་ཡོན་ཀྲང་གཞོན་པ་ཚའོ་ཅན་མིང་གིས་བརྟག་དཔྱད་ཞིབ་འཇུག་ཚོ་ཆུང་སྣེ་ཁྲིད་གནང་ནས་རང་ཁུལ་གྱི་དར་མདོ་གྲོང་ཁྱེར་གྱིས་དབུལ་ཐར་འགག་སྒྲོལ་ལས་ཀར་བརྟག་དཔྱད་ཞིབ་འཇུག་མཛད་པ་རེད།
      ཚའོ་ཅན་མིང་གིས་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབུལ་ཐར་འགག་སྒྲོལ་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱས་ཏེ། དངོས་གནས་དམ་འཛིན་དང་འགག་སྒྲོལ་དཀའ་སེལ་བྱས་ནས་དབུལ་ཐར་འགག་སྒྲོལ་ཐུབ་པར་འགན་སྲུང་མཐའ་གཅིག་ཏུ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།
      ཚའོ་ཅན་མིང་གིས་རང་ཁུལ་གྱི་དབུལ་ཐར་འགག་སྒྲོལ་ལས་ཀའི་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བར་མ་ཟད། སྔོན་རྗེས་སུ་དར་མདོ་གྲོང་ཁྱེར་ཝ་ཁྲལ་ཤང་ཟམ་ཁ་གྲོང་སྡེ་དང་འགག་པ་ཤང་མགོ་བཏགས་སྨད་པ་གྲོང་སྡེར་ཕེབས་ནས་མང་ཚོགས་དབུལ་པོར་འཚམས་འདྲི་དང་གྲོང་སྡེ་རིམ་པའི་བྱེད་སྒོ་ཁང་དུ་གཟིགས་ཞིབ་གནང་བ། གྲོང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་རེད། ཟམ་ཁ་གྲོང་སྡེའི་ཡུལ་སྐོར་སྣེ་ལེན་ལྟེ་གནས་དང་ན་གཞོན་མགྲོན་ཁང་དུ་བརྟག་དཔྱད་ཞིབ་འཇུག་མཛད་སྐབས་ཚའོ་ཅན་མིང་གིས་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཏུའུ་ཅང་ཡན་གྲོང་ཁྱེར་གྱིས་དར་མདོ་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ལས་ཀར་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་རང་རང་སོ་སོའི་དགེ་མཚན་སྔར་ལས་ལྷག་པའི་སྒོ་ནས་འདོན་སྤེལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཁ་གཏད་རོགས་སྐྱོར་གྱི་ལས་ཀ་ཡག་པོ་བསྒྲུབས་ནས་དཀར་མཛེས་བོད་ཁུལ་གྱི་དབུལ་ཐར་འགག་སྒྲོལ་ལས་དོན་སྒྲུབ་རོགས་བྱ་དགོས་ཞེས་ནན་གསུང་གནང་བ་རེད།
      ཚའོ་ཅན་མིང་དང་བཅས་པས་ད་དུང་འགག་པ་ཤང་མགོ་བཏགས་སྨད་པ་གྲོང་སྡེའི་འབྲོག་དམངས་ཀྱི་སྡོད་ཁང་གསར་པ་དང་ཕྱུགས་འབྲོག་ཐོན་ལས་དང་ཡུལ་སྐོར་མཉམ་འདྲེས་བྱས་ནས་འཕེལ་རྒྱས་གཏོང་བའི་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་མཛད་པ་རེད། ཚའོ་ཅན་མིང་གིས་བསྟན་དོན། དབུལ་ཐར་འགག་སྒྲོལ་ཐུབ་པར་འགན་སྲུང་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུའི་དམིགས་འབེན་ལས་འགན་གལ་ཆེན་ཞིག་ཡིན་ལ། དཀར་མཛེས་ཁུལ་ནི་ཧ་ཅང་དབུལ་པོའི་ས་ཁུལ་ཞིག་ཡིན་པས་དུད་ཚང་གཅིག་ཀྱང་མི་ཉུང་བ་དང་དུད་ཚང་གཅིག་ཀྱང་མི་ལྷག་རྒྱུའི་བླང་བྱ་ལྟར། དབུལ་སྐྱོར་གནད་སྨིན་མངོན་འགྱུར་བྱ་དགོས་པ་དང་ཡུལ་བབ་དང་བསྟུན་ཏེ་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་བར་བརྟེན། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བའི་ཐབས་ལམ་རྒྱུན་མི་ཆད་པར་རྒྱ་ཆེ་རུ་གཏང་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་པའི་རྨང་གཞིའི་ཐོག་བྱེད་ཐབས་སྔར་བས་ཇེ་དྲག་ཏུ་བཏང་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་ཁ་གཏད་རོགས་སྐྱོར་སོགས་ཀྱི་སྟེགས་བུ་བེད་སྤྱོད་ཡག་པོ་བྱས་ནས་ནུས་ཤུགས་ཡོད་རྒུས་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་དགོས།། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1