གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༦ཚེས་༡༥ཉིན།

2018ལོའི་སི་ཁྲོན་དཀར་མཛེས་ཁུལ་རི་ཀླུང་ཡུལ་སྐོར་དུས་ཆེན་འགོ་ཚུགས་མཛད་སྒོ་དར་རྩེ་མདོ་རུ་སྤེལ།

        ཟླ་བ6པའི་ཚེས14ཉིན་གྱི་སྔ་དྲོར། སྦྲང་ཆར་ཟིམ་ཟིམ་དུ་འབབ་ཅིང་། སྨུག་སྤྲིན་ལང་ལོང་དུ་འཕྱུར་བའི་དར་རྩེ་མདོའི་མདོ་གྲོང་གསར་པའི་ཐང་ཆེན་ན། 2018ལོའི་སི་ཁྲོན་དཀར་མཛེས་ཁུལ་རི་ཀླུང་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་གཟབ་རྒྱས་ངང་སྤེལ་བ་རེད།
        ཐེངས་འདིའི་རི་ཀླུང་ཡུལ་སྐོར་དུས་ཆེན་ནི་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་དང་སི་ཁྲོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གཉིས་ཀྱིས་གཙོར་གཉེར་བྱས་པ་དང་། དཀར་མཛེས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་དང་། དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་། ལི་ཐང་རྫོང་མི་དམངས་སྲིད་གཞུང་། འདབ་པའི་ཉི་སྟེན་ལྗོངས་ཁུལ་དོ་དམ་ཅུས་བཅས་ཀྱིས་སྒྲུབ་འགན་ཁུར་བ་རེད།
        ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡུས་ཚའེ་འགོ་ཚུགས་མཛད་སྒོར་ཞུགས་ཤིང་གསུང་བཤད་གནང་བ་དང་། སི་ཁྲོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་ཧུའུ་པིང་དང་འཛམ་གླིང་ཡུལ་སྐོར་མནའ་འབྲེལ་ཚོགས་པའི་དྲུང་ཡིག་ཆེན་མོ་ལིའུ་ཧྲི་ཅུན། གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཡུལ་སྐོར་ཨུ་ཡོན་ལྷན་ཁང་གི་དབུ་བཞུགས་ལག་བསྟར་འགོ་འཛིན་ལན་ཏི་དུའུ་པན་དུའུ་བཅས་རྒྱལ་སྤྱིའི་ཡུལ་སྐོར་རྩ་འཛུགས་ཀྱི་ཆེད་མཁས་པ་དང་། ཀྲུང་གོའི་རྐང་འཛིན་ཡུལ་སྐོར་ལས་དོན་ཁང་། ཧྭ་ཏུང་ཡུལ་སྐོར་ལས་དོན་ཁང་། རྒྱལ་ཁབ་རིམ་པའི་སྣེ་འདྲེན་ཁེ་ལས་དཀར་མཛེས་སུ་བསྐྱོད་པའི་འཐུས་མི། དེ་བཞིན་རང་ཁུལ་གྱི་ལས་ཁུངས་སོ་སོ་དང་ཞིང་ཆེན་དང་ཁུལ་ཁོངས་གཏོགས་ཀྱི་སྲིད་འཛིན་དང་ཁེ་ལས། བྱ་གཞག་སྡེ་ཚན་སོགས་ཀྱི་འབྲེལ་ཡོད་མི་སྣ་བཅས་མི་གྲངས1500ལྷག་རི་ཁུལ་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་རུ་ཞུགས་པ་རེད།

        འགོ་ཚུགས་མཛད་སྒོ་རུ2018ལོའི་སི་ཁྲོན་དཀར་མཛེས་ཁུལ་རི་ཀླུང་ཡུལ་སྐོར་དུས་ཆེན་གྱི་གནས་ཚུལ་མདོར་བསྡུས་དང་ཚོགས་ཞུགས་མི་སྣ་ངོ་སྤྲོད་བྱས་པ་དང་། 2018ལོའི་སི་ཁྲོན་དཀར་མཛེས་ཁུལ་རི་ཀླུང་ཡུལ་སྐོར་དུས་ཆེན་གྱི་དྲིལ་བསྒྲགས་བརྙན་པར་གཏོང་བ། དེ་བཞིན་དཀར་མཛེས་ཁུལ་མི་རིགས་གླུ་གར་ཚོགས་པས་རྒྱལ་ཕྱི་ནང་ནས་ཕེབས་པའི་སྐུ་མགྲོན་རྣམས་ལ་གླུ་གར་གྱི་གསོལ་སྟོན་གྱ་ནོམ་པ་ཞིག་ཕུལ་བ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1