གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༦ཚེས་༡༩ཉིན།

《ཁ་བ་དཀར་པོའི་ལོ་རྒྱུས་རྫེས་ཤུལ་དང་འཇོལ་རྫོང་གི་རིག་དངོས་གཅེས་བཏུས་》ཞེས་པ་དཔེ་ སྐྲུན་འགྲེམ་སྤེལ་བྱས།


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཉེ་ཆར། མི་རིགས་དཔེ་སྐྲུན་ཁང་གིས་ཁ་བ་དཀར་པོའི་དཔེ་ཚོགས་《ཁ་བ་དཀར་པོའི་ལོ་རྒྱུས་རྗེས་ཤུལ---འཇོལ་རྫོང་གི་རིག་དངོས་གཅེས་བཏུས་》ཞེས་པ་དངོས་སུ་དཔེ་སྐྲུན་འགྲེམ་སྤེལ་བྱས།
        《ཁ་བ་དཀར་པོའི་ལོ་རྒྱུས་རྗེས་ཤུལ---འཇོལ་རྫོང་གི་རིག་དངོས་གཅེས་བཏུས་》ཞེས་པར་བསྡོམས་པས་སྡེ་ཚན་ཁག་བརྒྱད་ཡོད་ལ། དེའི་ཁྲོད་རིག་དངོས་དང་ཆོས་ལུགས། གཞིས་ཆགས་ཀྱི་ལོ་རྒྱུས་རིག་གནས་བཅས་འདུས་ཤིང་། མ་ལག་གི་སྒོ་ནས་འཇོལ་རྫོང་གི་ཁྱབ་ཁོངས་ནང་གི་གནས་སྤོ་མི་ཐུབ་པའི་རིག་དངོས་ངོ་སྤྲོད་བྱས་ཡོད་པ་རེད།《ཁ་བ་དཀར་པོའི་ལོ་རྒྱུས་རྗེས་ཤུལ---འཇོལ་རྫོང་གི་རིག་དངོས་གཅེས་བཏུས》འདིར་དཔེ་རིས་དང་ཡི་གེ་མཉམ་སྡེབ་ཀྱི་སྒོ་ནས་མེས་པོའི་བློ་རིག་གི་ཉིང་བཅུད་དང་།དེ་མིན་སྔོན་འཇོལ་རྫོང་གི་ཡུལ་ཁོངས་སུ་བྱུང་བའི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཞིང་བརྗེད་ཉེན་ཡོད་པའི་དོན་རྐྱེན་མང་བོ་ངོ་སྤྲོད་བྱས་ཡོད་དེ།དཔེ་ཆ་གཅིག་གིས་འཇོལ་རྫོང་ལ་རྒྱུས་ལོན་བྱེད་ཐུབ་པའི་དཔེ་ཆ་བཟང་བོ་ཞིག་ཡིན་པ་རེད། 
        བསོད་ནམས་ནོར་བུས་འགོ་བརྗོད་ནང་“རིག་དངོས་ནི་ལོ་རྒྱུས་ཀྱི་ཤུལ་བཞག་དངོས་པོ་ཡིན་པས། ཤུལ་བཞག་དངོས་པོ་འདི་དག་གི་ཁྲོད་ནས་ལོ་རྒྱུས་ཀྱི་མི་སྣ་དང་དོན་རྐྱེན།སྣང་ཚུལ་སོགས་རྙེད་ཐུབ་སྟེ། འདིར་བརྟེན་ནས་ལོ་རྒྱུས་ཀྱི་བདེན་པ་རྟོགས་པར་བྱེད་དགོས་”ཞེས་བཤད་ཡོད་ལ། ཁོང་ཉིད་རིག་དངོས་སྲུང་སྐྱོབ་ཀྱི་ལས་ཀ་འདིར་ཞུགས་ནས་ལོ་20ལྷག་འགོར་ཡོད་པ་རེད། 
        ཉེ་བའི་ལོ་འདི་དག་གི་རིང་ལ་འཇོལ་རྫོང་གི་རིག་གནས་སྒྱུ་རྩལ་དར་རྒྱས་ཕུན་ཚོགས་སུ་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད་ལ།ཐོག་དང་བོར་《ཡར་ནས་འགྲོ་བ》ཞེས་པ་དང་《འཇོལ་རྫོང་གི་དམངས་ཁྲོད་གཏམ་རྒྱུད།》《ཁ་བ་དཀར་པོའི་ལོ་རྒྱུས་རྗེས་ཤུལ་དང་འཇོལ་རྫོང་གི་རིག་དངོས་གཅེས་བཏུས་》འགྲེམ་སྤེལ་བྱས་པ་རེད། དེའི་ཁྲོད་ 《ཡར་ནས་འགྲོ་བ》ཞེས་པ་དང་《འཇོལ་རྫོང་གི་དམངས་ཁྲོད་གཏམ་རྒྱུད་》གཉིས་ནི་ན་ནིང་པར་སྐྲུན་འགྲེམ་སྤེལ་བྱས་པ་ཡིན་ལ། 《ཁ་བ་དཀར་པོའི་ལོ་རྒྱུས་རྗེས་ཤུལ---འཇོལ་རྫོང་གི་རིག་དངོས་གཅེས་བཏུས་》ཞེས་པ་ནི་ད་ལྟའི་བར་འཇོལ་རྫོང་ས་གནས་རྩོམ་པ་པོས་བྲིས་པའི་མ་ལག་གི་སྒོ་ནས་ལོ་རྒྱུས་དང་རིག་དངོས་ངོ་སྤྲོད་ཀྱི་དཔེ་ཆ་ཞིག་ཡིན་པ་རེད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1