གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༦ཚེས་༡༩ཉིན།

ལི་ཐང་གི་འབྲོག་པས་རྩྭ་སོན་གཏོར་འདེབས་བྱས་ནས་སྐྱེ་ཁམས་ལེགས་བཅོས་བྱས་པ།

     མིག་སྔར་ས་མཐོ་ཞིང་གྲང་ངར་ཆེ་བའི་འབྲོག་ཁུལ་དུ་རྩྭ་བཏབ་པའི་དུས་ཚིགས་ཡིན་པས། ཟླ་6ཚེས་8ཉིན་ལི་ཐང་རྫོང་ཚེ་མགོན་ཤང་ཁྲ་ཁ་གྲོང་ཚོར་མུའུ་300ལྷག་ཙམ་གྱི་སྔོ་ཁེབས་སླར་གསོ་བྱེད་དགོས་པའི་རྩྭ་ཐང་དུ། ས་གནས་དེ་གའི་བོད་རིགས་མང་ཚོགས་ཀྱི་རྨོ་འདེབས་བྱས་ཟིན་པའི་བྱེ་འགྱུར་ས་ཆར་རྩྭ་སོན་གཏོར་འདེབས་བྱས་ནས་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཡོད། ཤེས་རྟོགས་བྱས་པར་གཞིགས་ན་འདི་ལོར་རྫོང་དེས་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་མུའུ་ཁྲི་3ལྷག་བྱས་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་སྲུང་ཡོལ་འཛུགས་སྐྲུན་བྱེད་པར་སྐྱེ་ཁམས་ཀྱི་མཐུན་རྐྱེན་བཟང་པོ་ཞིག་སྐྲུན་ཡོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1