གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱངརླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༦ཚེས་༢༠ཉིན།

རྒྱལ་སྤྱིའི་ཞང་ཞུང་རིག་གནས་དཔྱད་གླེང་ཚོཊ་འདུ་ལྷ་སར་འཚོགས་པ།

          སྤྱི་ལོ2018ལོའི་ཟླ6ཚེས16ནས་ཉིན་ནས་བཟུང་ཉིན་གསུམ་རིང་། བོད་ལྗོངས་ལྷ་ས་དང་མངའ་རིས་གཉིས་ཀྱིས་མཉམ་གཉེར་བྱས་པའི་ཞང་ཞུང་རིག་གནས་རྒྱལ་སྤྱིའི་རིག་གཞུང་དཔྱད་གླེང་ཚོགས་འདུ་སྐབས་དང་པོ་དེ་ལྷ་སའི་གནས་མཆོག་ལྷ་ཡུལ་གླིང་ལྔའི་གསོལ་མགྲོན་ཁང་ཆེན་མོ་རུ་དངོས་སུ་འཚོགས། 
          ཚོགས་ཐོག་ཏུ་ཀྲུང་གོའི་འབྲེལ་ཡོད་ཞིབ་འཇུག་པ་དང་། ཨ་རི། ཧྥ་རན་སི། དབྱི་ཐ་ལི། ཁ་ན་ཏ་སོགས་རྒྱལ་ཁབ་ནས་ཕེབས་པའི་ཞིབ་འཇུག་མང་པོ་ཞུགས་ཡོད།
          ཐེངས་འདིའི་ཚོགས་འདུའི་ཐོག བོད་རིག་པའི་ཞིབ་འཇུག་པ་རྣམས་ཀྱིས་ཞང་ཞུང་རིག་གནས་དང་། རྒྱལ་རབས་ལོ་རྒྱུས། གནའ་རྫས་རྟོག་ཞིབ་སོགས་ཐད་ནས་དཔྱད་གཏམ་སྒྲོག་སྦྱངས་གནང་ཡོད་པ་དང་། ཞང་ཞུང་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་རིག་གནས་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པ་མ་ཟད། དེས་བོད་ཡོངས་ཀྱི་ཤེས་རིག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ཅིང་། ཞང་ཞུང་རིག་གནས་ལ་མུ་མཐུད་ཞིབ་འཇུག་གཏིང་ཟབ་བྱེད་པའི་དགོས་པ་ཡོད་པ་བསྟན་འདུག

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1