གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ༸། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༦ཚེས་༢༡ཉིན།

བདག་ཏུ་མ་བཟུང་བའི་རྩ་ཆེའི་སྲོག་ཆགས་དཀར་མཛེས་ཁོངས་སུ་ཡང་ཡང་ཐོན་པ།


 
       དཀར་མཛེས་ཁུལ་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བར། དཀར་མཛེས་ཁུལ་ཡི་རིམ་ཁག་ནགས་ལས་སྡེ་ཚན་གྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་དྲིལ་བསྒྲགས་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་སོགས་ལས་དོན་སྣ་ཚོགས་སྤེལ་བ་དང་བསྟུན་ནས་དཀར་མཛེས་ཀྱི་ཁོངས་གཏོགས་སུ་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་ངལ་གསོ་བའི་ཁོར་ཡུག་ལེགས་སུ་ཕྱིན་ནས་གསའ་དང་། གཟིག་ཁྲ་ཐིག་ཅན། བདག་ཏུ་མ་བཟུང་བའི་སྤྲེའུ་ཕྲུག ནགས་གླ་སོགས་སྲོག་ཆགས་ཉེ་དུས་དཀར་མཛེས་ཀྱི་ཁོངས་གཏོགས་སུ་མཐོང་རྒྱུ་ཡོད་པ་རེད།
        དཀར་མཛེས་ཁུལ་ཨུད་དྲིལ་བསྒྲགས་པུའི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2015ལོའི་ཟླ་9ནས་ད་བར་དཀར་མཛེས་ཁུལ་ཡི་ཁོངས་གཏོགས་ཉག་ཆུ་རྫོང་དགའ་བཞི་ལུང་ཤུར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་ཉག་རོང་རྫོང་འཕེལ་ཚྭ་ཤང་དཔའ་ཡུལ་རྫོང་། སེར་ཤུལ་རྫོང་བཅས་ནས་གསའ་དང་གཟིག་ཁྲ་ཐིག་ཅན་སོགས་སྐྱོད་ཤུལ་མཐོང་བ་རེད།
       གཞན་ཡང་། ཟླ་6ཚེས་11ཉིན་བདག་ཏུ་མ་བཟུང་བའི་སྤྲེའུ་ཕྲུག་ཞིག་ལྕགས་ཟམ་རྫོང་གི་ཨར་ཁང་ཞིག་ནང་ཡོང་ནས་བཟུང་བ་དང། སྤྲེའུ་དེ་ཧ་ཅང་ཆུང་ཆུང་ཡིན་སྟབས་འཚོ་གནས་བྱེད་ཐབས་མེད་པས། ནགས་ཚལ་སྡེ་ཚན་གྱི་མོས་མཐུན་ཐོབ་པ་བརྒྱུད་གཡག་རྔ་གྲོང་ཁྱེར་པི་ཧྥུང་ཞ་བདག་ཏུ་མ་བཟུང་བའི་སྲོག་ཆགས་མྱུར་སྐྱོབ་ལྟེ་གནས་སུ་བསྐྱལ་ཏེ་མྱུར་སྐྱོབ་བྱས་པ་རེད། ཉིན་དེར་ལྕགས་ཟམ་རྫོང་ཏེ་ཝུའེ་ཤང་ཞའོ་ཀྲོང་ཙེའི་རི་སྐེད་ནས་ཀྱང་རྨས་སྐྱོན་ཕོག་པའི་ནགས་གླ་ཞིག་རྙེད་པ་དང་། ལྕགས་ཟམ་རྫོང་ནགས་ལས་ཅུས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་ལས་དོན་པས་རྨ་ཁར་སྨན་བཅོས་བྱས་ནས་དྲག་སྐྱེད་བྱུང་རྗེས་ནགས་ཁྲོད་དུ་གློད་པ་རེད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1